ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཡང་བསྐྱར་སྤར་རྒྱུའི་ཉེན་བརྡ།

ཨ་མི་རི་ཀའི་སྲིད་འཛིན་(Trump)མཆོག་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་གཉིས་བརྒྱ་འཕར་སྣོན་གནང་རྒྱུའི་ཉེན་བརྡ་བཏང་གནང་འདུག
དེ་ཡང་རྒྱ་ནག་དང་ཨ་རིའི་དབར་ཚོང་འབྲེལ་གྱི་འཐབ་རྩོད་རྣོ་ངར་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་སྲིད་འཛིན་གྱིས་གལ་ཏེ་རྒྱ་ནག་གིས་ད་ཡོད་ཚོང་འབྲེལ་ལ་འགྱུར་བ་མ་བཏང་ཚེ་སྒོ་ཁྲལ་བརྒྱ་ཆ་བཅུ་ཉེས་ཆད་བཏང་རྒྱུ་ཡིན་ལུགས་གསུངས་འདུག
རྒྱ་ནག་གིས་ཨ་མི་རི་ཀས་ངན་ཇུས་ལྐོག་བཤོམ་གྱིས་ཡུལ་གཉིས་དབར་ཚོང་འབྲེལ་གྱི་འཐབ་རྩོད་ཇེ་སྡུག་ཏུ་བཏང་ཡོད་སྐོར་སྐྱོན་བརྗོད་དང་སྦྲགས་དེར་གདོང་ལེན་བྱ་རྒྱུ་ཡིན་ཅེས་རྒྱ་ནག་གིས་ཚོང་དོན་ལྷན་ཁང་གིས་ལན་འདེབས་བྱས་ཡོད་འདུག
སྲིད་འཛིན་(Trump)་གྱིས་དེ་སྔ་འོས་བསྡུའི་སྐབས་ནས་བཟུང་རྒྱ་ནག་དང་ཨ་རིའི་ཚོང་འབྲེལ་དོ་མཉམ་མེད་ལུགས་སྐྱོན་བརྗོད་གནང་ཡོད་པ་ལྟར་བར་ལམ་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་ལྔ་བཅུ་ཙམ་གྱི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་ ༢༥ སྤོར་རྒྱུའི་ཐག་གཅོད་གནང་ཞིང་། དེ་མ་ཐག་རྒྱ་ནག་གིས་ཨ་རིའི་དངོས་ཟོག་རྣམ་གྲངས་ ༦༥༩ ཐོག་
སྒོ་ཁྲལ་ཨ་སྒོར་ཐེར་འབུམ་ལྔ་བཅུ་སྤར་བའི་ལན་འདེབས་བྱས་ཡོད་པ་རེད།
དེ་རྗེས་སླར་ཡང་ཨ་རིའི་སྲིད་འཛིན་གྱིས་གལ་སྲིད་རྒྱ་ནག་གིས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་འཕར་སྣོན་བྱས་ཚེ་ཨ་རིའི་ངོས་ནས་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་ཉི་བརྒྱ་ཐམ་པ་འཕར་སྣོན་བྱེད་རྒྱུའི་ཉེན་བརྡ་བཏང་གནང་འདུག འོན་ཀྱང་རང་དབང་ཅན་གྱི་ཚོང་འབྲེལ་ལ་དགའ་བའི་ཨ་རིའི་གཞུང་འཛིན་སྤྱི་མཐུན་ཚོཊ་པའི་དཔོན་རིཌ་མང་པོས་སྲིད་འཛིན་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་སྣོན་བྱ་རྒྱུར་དགའ་མོས་བྱེད་ཀྱི་མེད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།