༄༅༎བོད་ནང་བོད་མི་ཚོས་མངོན་གསལ་ཆུང་ངུ་དོགས་ཟོན་ཆེན་པོའི་ཐོག་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རོཡེ་ཀྲརསི་གསལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
དཔེར་ན་མཚོ་སྔོན་ཆབ་ཆ་ས་ཁུལ་གྱི་ནང་བོད་མི་ཚོས་༧སྐུའི་འཁྲུངས་སྐར་ཡོངས་གྲགས་ཀྱི་ངོ་བོའི་ཐོག་ནས་སྲུང་བརྩི་ཞུས་ཚེ་ད་ལྟའི་གུ་ཡངས་ཀྱི་རྣམ་པ་ཕྲན་བུ་འབྱུང་བཞིན་པའི་སྲིད་བྱུས་ལ་ཉེན་ཁ་བཟོ་སྲིད་པར་དྭོགས་ཏེ་འཁྲུངས་སྐར་སྒེར་གྱི་ཁྱིམ་ཚང་ཁག་ནང་མ་གཏོགས་སྲུང་བརྩི་ཞུས་མེད་པའི་གནས་ཚུལ་བཀོད་འདུག།
བོད་མདོ་སྨད་མཚོ་སྔོན་གྱི་ས་ཁུལ་འགའ་ཤས་ནང་ས་གནས་འགོ་འཁྲིད་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་སྒྲིག་གཤོམ་ཆོག་པ་དང་། མཚན་སྨོས་ཞུ་མི་དགོས་པའི་དྲིལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་གོ་རྒྱུ་ཡོད་པ་རེད།
ཡང་དེ་བཞིན་མདོ་སྨད་སྐུ་འབུམ་དགོན་པའི་ནང་དུ་ཡང་དགེ་འདུན་པ་སོ་སོས་རང་ཤག་ཏུ་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བ་ལས་ཡོངས་གྲགས་ཀྱི་ཐོག་ནས་སྲུང་བརྩི་ཞུས་མེད་པ་མཁས་གྲུབ་ཟེར་བ་དགེ་འདུན་པ་དགུང་ལོ་ ༤༠ ཡིན་པ་ཞིག་གིས་རོཡེ་ཀྲརསི་གསར་ལས་ཁང་ལ་བརྗོད་འདུག འོན་ཀྱང་སྐུ་འབུམ་དགོན་པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་ཞུས་ཡོད་འདུག།
