ཆུ་བཞི་སྒང་དྲུག་གི་བོད་པའི་སྐད་བསྒྱུར་བ་ ༢།

དེ་རིང་གི་གླེང་མོལ་གྱི་ལེ་ཚན་ནང་། ལྷ་ས་ནས་སྐྱེས་པའི་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་བྱིས་པའི་དུས་སུ་ཕྱི་ལོ་ ༡༩༥༢་གཡས་གཡོན་ཙམ་ནས་རྒྱ་གར་ལ་གནས་སྐོར་ཕེབས་མཁན་ བོད་མི་སྔ་ཤོས་གྲས་སུ་ཡིན་འདུག། ༡༩༦༢ཙམ་ཁོང་ལོ་ན་༢༣ཙམ་ཡིན་པའི་སྐབས་ཨ་རིའི་གསང་བའི་དམག་སྦྱོང་སྤྲོད་ས་Colorado Camp Hale ལ་འབྱོར་ནས་གཙོ་བོ་སྐད་བསྒྱུར་གནང་ཡོད་པ་རེད། དེ་རིང་གླེང་མོལ་ལེ་ཚན་ནང་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཨ་རིའི་Camp Hale ཞེས་པའི་ས་གནས་དེར་བོད་པའི་འཐབ་རྒོལ་བ་ཚོར་སྐད་སྒྱུར་གནང་བའི་་སྐབས་ཀྱི་གནས་ཚུལ་སྐོར་ལ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་བྱས་ཡོད།