བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༡།༠༤

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༥།༠༡།༠༤ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་པ། རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་བོད་དོན་ཚོགས་པའི་མི་སྣ་ལྔ་ལ་བཀག་བསྡོམས་ཀྱི་ཉེས་ཆད་བཀལ་པ་འདི་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་པ་ཞིག་ཡིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་འདུག རྒྱ་ནག་གཞུང་གིས་བོད་མི་ལོ་ན་ ༡༨ ལ་སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ཚེ་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཐོབ་ཐང་མེད་པ་ཆགས་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་རྒྱལ་ཁབ་དམག་བསྡུའི་དྲ་རྒྱའི་སྟེང་བསྒྲགས་འདུག གཞས་ཚིག་རྩོམ་བྲིས་གནང་མཁན་སེར་ཤུལ་རབ་གསལ་ལགས་དང་མཉམ་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད། RFA Tibetan TV Program- January 4, 2025 Anchor: Tashi Wangchuk Producer: Passang Dhonden