བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༥།༡༤

ཐེངས་འདིའི་བརྙན་འཕྲིན་ནང་། སྲིད་སྐྱོང་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་མཇལ་འཕྲད་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྐོར་གསལ་སྟོན་གནང་བ། རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དགེ་འདུན་ཕུན་ཚོགས་ལགས་རྒྱ་ནག་གི་བཙོན་ཁང་དུ་ཡུན་རིང་ངལ་རྩོལ་ལ་བཀོལ་བའི་རྐྱེན་གྱིས་ནད་གཅོང་ཅན་དུ་གྱུར་ཡོད་པ། རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་བོད་ཕྲུག་བཅའ་སྡོད་སློབ་གྲྭ་མཚམས་འཇོག་དགོས་ཞེས་ནིའུ་ཡོག་ཏུ་ས་གནས་བུད་མེད་ཚོགས་པས་ཆུ་ཚོད་༡༢ རིང་ཟས་བཅད་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་དང་། གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV Program- May 14, 2024 Reporter: Palden Gyal Producer: Passang Dhonden