བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༩།༠༢།

1. ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་མའི་སྡོམ་རྒྱུན་ཞིག་རྒྱལ་སྤྱིའི་རང་བཞིན་ཐོག་ནས་བཙུགས་ཐུབ་ན་ཡག་པོ་ཡོད་པ་བཀའ་སློབ་སྩལ་པ། 2. བཞུགས་སྒར་རྡ་རམ་ས་ལར་སུཝིཌེན་གྲོས་ཚོགས་འཐུས་མིས་དབུ་ཞུགས་ཐོག་མང་གཙོའི་དུས་ཆེན་ཐེངས་ ༦༣ པ་སྲུང་རྩིས་ཞུས་ཤིང་། བོད་མི་གནས་ཡུལ་གང་སར་རྣམ་པ་འདྲ་མིན་ཐོག་ནས་དུས་ཆེན་སྲུང་རྩིས་ཞུས་ཡོད་པ་རེད། 3. རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ནང་ཚོགས་རྒྱུའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ཐོག་བཅར་གྱི་མེད་པ་དང་། ཚབ་ཏུ་སྲིད་བློན་ལི་ཆང་བཅར་གྱི་ཡོད་པ་འབྲེལ་ཡོད་མི་སྣས་བརྗོད་འདུག