ཐེངས་འདིའི་གླེང་མོལ་གྱི་ལེ་ཚན་ནང་། ཧྥ་རན་སའི་ནང་འགྲེམས་སྟོན་ཁང་གཉིས་ཀྱིས་རྒྱ་ནག་གི་འདོད་མོས་བཞིན། བོད་ལ་དབྱིན་ཡིག་ནང Tibet ཞེས་འབོད་བཞིན་པ་དེ Xizang འམ། ཧི་མ་ལ་ཡའི་འཇིག་རྟེན་ཞེས་བྲིས་པར། རྒྱལ་ས་པ་རེ་སེའི་ནང་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱེད་དགོས་དོན་དང་། དེ་བཞིན་དབྱིན་ཡིག་ནང་ Tibet ཞེས་པ་དེ་Xizang ཞེས་བར་སྒྱུར་དགོས་པའི་རྒྱ་ནག་གཞུང་གི་ཀུན་སློང་དང་དམིགས་ཡུལ་ཅི་ཡིན། རྒྱ་ནག་གཞུང་གི་འདོད་དོན་ལྟར་ Tibet ཞེས་པ་དེ་Xizang ཞེས་རྒྱལ་སྤྱིའི་ཚོགས་སྟེང་ཁྱབ་སྤེལ་ཕྱིན་པ་ཡིན་ན་དཀའ་རྙོག་ཅི་ཡོད་སོགས་ཀྱི་ཐད། བོད་གནས་ཉམས་ཞིབ་པ་དང་། ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་དང་། ཧྥ་རན་སའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་པདྨ་རིན་ཆེན་ལགས་རྣམ་གཉིས་དང་མཉམ་དུ་གླེང་མོལ་ཞུས་པ།
In today's Lengmol program we will be talking about two museums in France that have written "Xizang" or "Himalayan World" instead of the English term "Tibet" which is commonly used to refer to Tibet. We will discuss why Tibetans and Tibet supporters in Paris are protesting this, as well as the motives and objectives of the Chinese government in wanting to change the English term "Tibet" to "Xizang". We will also explore what difficulties might arise if the Chinese government's desire to replace "Tibet" with "Xizang" spreads throughout the international community.
Host: Palden Gyal
Producer: Nordhey Dolma