བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༡།༡༤

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། • འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་པ་གསལ་པོ་འཁོད་ཡོད་པས། རྒྱ་ནག་འགོ་ཁྲིད་ཚོས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་པར་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གནང་གི་འདུག • ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་བོད་དང་རྒྱལ་སྤྱིའི་ནང་གི་ཆབ་སྲིད་བཙོན་པ་བཅུ་གྲངས་ཤིག་གློད་གྲོལ་ཡོང་ཐབས་ཐད་འབོད་སྐུལ་དྲིལ་བསྒྲགས་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག • ཨ་རིར་བྲོས་བྱོལ་དུ་འབྱོར་བའི་རྒྱ་རིགས་མཐོ་རིམ་བཟོ་བཀོད་པ་ཞིག་གིས་ཁོང་གིས་བོད་ནང་ཨར་ལས་བཟོ་བཀོད་ཐད་ཀྱི་ལས་དོན་གཉེར་སྐབས་བོད་ནང་བྱུང་བའི་ས་བྱིའི་ཞི་རྒོལ་ཐེ་བའི་བོད་ཀྱི་གནས་ཚུལ་མང་པོ་ཞིག་འདྲ་པར་སོགས་བླངས་ཏེ་ར་སྤྲོད་གནང་ཡོད་པ་རེད། Anchor: Tashi Wangchuk Producer: Yeshi Tashi