བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༢།༠༣།

༡) བྲག་འགོའི་རྒྱ་ནག་གི་ཉེན་རྟོག་པས་ཆབ་མདོའི་ཁྱབ་ཁོངས་བྲག་གཡབ་རྫོང་གི་བོད་མི་གསུམ་ཁ་པར་གྱི་ནང་བྲག་འགོའི་སངས་རྒྱས་ཀྱི་སྐུ་བརྙན་གཏོར་བའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་པར་བདག་ཉར་བྱེད་པའི་ནག་ཉེས་འོག་འཛིན་བཟུང་བྱས་འདུག ༢) ཉི་ཧོང་གི་གྲོས་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་ཆོད་བཞག་འདུག ༣) དབུས་གཙང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་དང་། དབུས་གཙང་སྤྱི་འཐུས་དགོངས་ཞུ་གནང་མ་ཐག་པ་དོན་གྲུབ་བཀྲིས་ལགས་ཀྱིས་ལ་དྭགས་སྤྱི་ཁྱབ་པའི་ལས་འཁུར་དངོས་སུ་འགོ་འཛུགས་གནང་འདུག