བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༨།༡༠

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བདུན་ཕྲག་གཅིག་རིང་གསུང་ཆོས་བསྩལ་ཡོད་ཅིང་། དགེ་འདུན་པ་རྣམ་པས་སློབ་གཉེར་ལ་ཧུར་བརྩོན་དང་ཁས་བླང་པའི་ཚུལ་ཁྲིམས་རྣམ་དག་སྲུང་དགོས་པ་སོགས་ཀྱི་ལམ་སྟོན་གནང་འདུག ༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་དང་རྭ་ཤི་ཡའི་ནང་རྒྱ་གར་དང་ར་ཤི་ཡའི་དབར་གྱི་ཆོས་ཕྱོགས་ཀྱི་འབྲེལ་བ་སྔར་ལྷག་དམ་ཟབ་ཏུ་གཏོང་རྒྱུའི་ཆེད་ཆེད་ཕེབས་གནང་ཡོད་འདུག རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཚོགས་པ་འདི་བརྒྱུད་མ་འོངས་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་སེལ་ཐབས་ལ་དམིགས་བཞིན་ཡོད་འདུག