བརྙན་འཕྲིན་གསར་འགྱུར། ༢༠༢༢།༡༠།༢༧

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཁྱིམ་སློབ་ཟུར་དང་། ཨ་རིིར་གནས་སྡོད་བོད་མི་ཐོུང་གིས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་བསྟན་སྲིད་དོན་དུ་སྐུ་ཚེ་རིང་དུ་བཞུགས་རྒྱུ་དང་ད་བར་གྱི་རླབས་ཆེན་གྱི་མཛད་འཕྲིན་ཁག་་འཕགས་པ་སྤྱན་རས་གཟིགས་ལ་སྒྲུབ་པའི་མཆོད་པ་མཚོན་ཐུབ་རྒྱུ་ཞིག་ཡིན་ཞེས་བཀའ་གནང་ཡོད་པ་རེད། ལྷ་སའི་ཁྲེང་ཀོན་ཆུའི་ལྕགས་རོང་སྡེ་ཁུལ་མི་མང་གིས་བོད་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་མིང་ཐོག་ནས་སྒོ་རྒྱ་བདམས་པའི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་དང་བཅས་ངོ་རྒོལ་བྱས་འདུག རྒྱ་གར་མི་རྒྱུད་ཡིན་པའི་དབྱིན་ཇིའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་རི་ཤི་སུ་ནག་དབྱིན་ཇིའི་སྲིད་བློན་དུ་འཁོད་ཅིང་། ཁོང་ནི་རྒྱ་ནག་འདི་དབྱིན་ཡུལ་དང་འཛམ་གླིང་ནང་ཉེན་ཁ་བཟོ་མཁན་དུ་ངོས་འཛིན་གནང་མཁན་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་འདུག