ནང་དོན་གཙོ་བོར་མཆོང་།
སྡེ་ཚན།
སྡེ་ཚན།
སྡེ་ཚན།
༸གོང་ས་མཆོག
བོད།
བཙན་བྱོལ།
འཛམ་གླིང༌།
རྒྱ་དཀར་ནག
སྤྱི་ཚོགས།
གསར་འགྱུར།
བརྙན།
བཤེར་འཚོལ།
བཤེར་འཚོལ།
ཁ་རྒྱག
普通话
粤语
မြန်မာ
한국어
ລາວ
ខ្មែ
བོད་སྐད།
ئۇيغۇر
Tiếng Việt
English
普通话
粤语
မြန်မာ
한국어
ລາວ
ខ្មែ
བོད་སྐད།
ئۇيغۇر
Tiếng Việt
English
༸གོང་ས་མཆོག
བོད།
བཙན་བྱོལ།
འཛམ་གླིང༌།
རྒྱ་དཀར་ནག
སྤྱི་ཚོགས།
གསར་འགྱུར།
བརྙན།
2022.03.03
སྲིད་སྐྱོང་མཆོག་གི་ལོ་གསར་འཚམས་འདྲི།
སྲིད་སྐྱོང་མཆོག་གི་ལོ་གསར་འཚམས་འདྲི། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་གནམ་ལོ་གསར་དུ་བཞད་པར་བོད་ཕྱི་ནང་དུ་བཞུགས་པའི་བོད་མི་དང་། ལྷག་པར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གསན་གཟིགས་གནང་མཁན་ཚང་མར་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞེས་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་རྣམ་པ་ཚོར་ཞུ་རྒྱུའི་གནད་དོན་གལ་ཆེ་བ་གཅིག་ནི། བར་སྐབས་སྤྱི་ཚོགས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་འཕྲོད་བཞེས་སྐོར་དང་འབྲེལ་བའི་ཐོག་འགའ་ཞིག་གིས་གླེང་སློང་ཆེད་མངགས་བཟོས་ནས་གནས་ཚུལ་དེ་ལྟར་ཡོང་གི་ཡོད། དེ་རིང་ཞུ་རྒྱུ་དེ་གང་ཡིན་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་བདེ་ཐག་ཆོད་དང་། སྐུ་གཟུགས་འཕྲོད་བཞེས་ཡག་ཐག་ཆོད་ཐོག་ཕོ་བྲང་དུ་སྐུ་ལྷོད་ངང་བཞུགས་འཇགས་གནང་བཞིན་ཡོད་ཅེས་སྙན་གསེང་ཞུ་རྒྱུ་དང་། དེ་དང་མཉམ་དུ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་འགན་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༢༧ ནས་ཁྱེར་ནས་ད་བར་ཟླ་བ་དགུ་ཙམ་འགྲོ་བཞིན་ཡོད། ཟླ་ངོ་དགུའི་དུས་ཡུན་དེ་དག་ནང་བཀའ་ཤག་གིས་ལས་དོན་གང་ཞིག་བྱས་པ་དེ་དག་འཐུས་ཤོར་མེད་པ་དང་། ཚགས་ཚུད་པོ། འཕྲལ་ཕུགས་གཉིས་ཀར་བསམ་བློ་བཏང་ནས་ལས་དོན་བྱེད་བཞིན་ཡོད། དེར་བརྟེན་མི་དམངས་ཚང་མ་ཐུགས་གཡེང་རྩ་བ་ནས་གནང་མི་དགོས། ང་ཚོས་དཀའ་ལས་རྒྱག་རྒྱུར་ཁྱེད་རྣམས་ནས་སེམས་འཁྲལ་གཏན་ནས་གནང་མི་དགོས། འོན་ཀྱང་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ཏུ་ལེགས་བཅོས་བྱེད་དགོས་པའི་དགོངས་ཚུལ་གྱི་རིགས་ཡོད་ན་ག་དུས་གསུངས་ཀྱང་འགྲིགས་ཞེས་སྔར་ནས་ཞུས་པ་དང་ད་ལྟ་ཞུས་པ་གཉིས་ལ་ཁྱད་པར་གང་ཡང་མེད། དགོངས་ཚུལ་གྱི་རིགས་ཡོད་ན་བཀའ་གནང་རོགས་ཞེས་ཞུ་རྒྱུ་དང་། ཡང་དངོས་ཡོད་ཀྱི་ཐོག་ནས་ལས་དོན་མ་འགྲིག་པའི་རིགས་ཡོད་ན་མི་མང་ལ་གསུང་རྒྱུའི་ལས་འགན་ཡོད་པས། དེ་རིགས་གསུང་རོགས་གནང་ཞུ་རྒྱུ་དང་། དོན་མེད་ཀྱི་གཞི་རྩ་གཏན་ནས་མེད་པར་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་བའི་རིགས་གཏན་ནས་མ་གནང་རོགས་ཞེས་ཞུ་རྒྱུ་དང་། དེ་ནི་སྒེར་ལ་ཕན་ཐོགས་མེད་ལ། སྤྱི་པ་ལའང་ཕན་ཐོགས་མེད། སྤྱི་ཚོགས་ཐོག་དཀྲོག་གཏམ་སྤེལ་རྒྱུའི་དོན་དུ་དུས་ཚོད་མང་པོ་གཏོང་བ་དང། པར་རིས་མང་པོ་བཟོས་པ་སོགས་བྱེད་པའི་ནུས་པ་དེ་དག་ཁ་གཏད་རྒྱ་ནག་ལ་ནུས་པ་བསྒྲིལ་ནས་བྱས་ན་དེ་ལ་དཔགས་པའི་ནུས་པ་ཞིག་ཐོན་ངེས་ཡིན། སྐབས་རེ་ང་ཚོའི་སྤྱི་ཚོགས་ཀྱི་གནང་སྟངས་དེ་དག་ང་ཚོ་ནང་ཁུལ་སྡང་ཟུག་ཆེན་པོ་ཡོད་པ་ལྟ་བུ་ཤུགས་ཆེན་པོ་མིན་ནའང་། བར་ལམ་འོས་བསྡུ་ཚར་བ་ནས་བཟུང་སྤྱི་ཚོགས་ནང་གང་འཚམ་ཉུང་དུ་ཕྱིན་ཡོད་པའི་གནས་སྟངས་གོ་གི་འདུག་པ་ཧ་ཅང་ཡག་པོ་རེད། དེ་དག་ཐོག་ཐུགས་སྣང་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། གལ་གནད་ཆེ་བ་ནི། མ་འོངས་པར་ང་ཚོའི་ལས་དོན་བྱེད་ཕྱོགས་དེ་རེད། བོད་རྒྱའི་དཀའ་རྙོག་སེལ་རྒྱུ་གཙོ་བོར་གྱུར་པའི་བཙན་བྱོལ་བོད་མིའི་བདེ་དོན་ལྟ་རྟོག་བྱ་རྒྱུའི་ལས་གཞི་སོགས་ཀྱི་ཐོག་ཏུ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བྱེད་དགོས་པ་རྣམས་བྱེད་ངེས་ཡིན། ལས་དོན་དེ་དག་སྒྲུབ་པར་བྱེད་པ་ལ་འགན་འཁུར་བྱེད་པོ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཪང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམ་པ་བཅས་ཕན་ཚུན་འབྲེལ་བ་ཡག་པོ་ཡོང་བར་བཀའ་ཤག་གི་ངོས་ནས་འབད་བརྩོན་ཆ་ཚང་བྱེད་བཞིན་ཡོད། དེ་བཞིན་སྒྲིག་འཛུགས་གཞན་ནས་ཀྱང་གནང་བཞིན་ཡོད། རིམ་བཞིན་ཚང་མས་ཁ་ཕྱོགས་གཅིག་གི་ཐོག་ཏུ་འགྲོ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། དེ་ནི་མཛད་གཙོ་གཅིག་པུ་མིན་པར་མི་མང་གི་ནང་དུའང་དེ་བཞིན་འཆམ་མཐུན་བྱེད་དགོས་པ་དང་། བོད་སྤྱི་པའི་རྩ་དོན་རང་ལ་བསམ་བློ་བཏང་ནས་ལས་ཀ་བྱེད་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། སླར་ཡང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྷག་པར་བོད་ནང་ཡོད་པའི་བོད་མི་རྣམས་ནས་ད་བར་བོད་པའི་འཐབ་རྩོད་མུ་མཐུད་གནས་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཞུས་ཏེ་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡན་ཆད་བློས་བཏང་སྟེ་དཀའ་ལས་བརྒྱབ་པ་དེ་དག་ལ་ཡང་ཡང་བསྔགས་བརྗོད་དང་། བཙན་བྱོལ་ནང་ཡོད་པ་ཁག་གཅིག་གིས་ཧུར་ཐག་འབད་ཐག་གནང་བཞིན་བཞུགས་ཡོད། རེ་ཟུང་གིས་མ་འགྲིག་དེ་དག་ལ་འགྲིག་པ་ཇི་ལྟར་བཟོ་དགོས་མིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་འགན་འཁུར་བ་རྣམ་པ་ཡིན་ནའང་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་མང་གཙོའི་ལམ་སྲོལ་ནང་ཁྲིམས་དང་སྒྲིག་གཞི་ཡོད་པ་ནང་བཞིན་ལས་དོན་རྣམས་སྲ་ཐག་ཐག་ཅིག་བྱས་ན། ནོར་འཁྲུལ་རྩ་བ་ནས་ཡོང་གི་མ་རེད་ཅེས་ཞུ་མི་ཐུབ་ཀྱང་། ནོར་འཁྲུལ་ཉུང་བ་ཡོང་བའི་རེ་བ་ཡོད་པས། ཚང་མས་དེ་ལྟར་འབད་བརྩོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
སེཊེམ་རིག་ཚན་ཐོག་ལ་གཞོན་སྐྱེས་སྐྱེད་སྲིང་བྱེད་པར་ཤུཊ་སྐྱོན་གྱི་ཡོད་ཅེས་གསུངས་པ།
བོད་པའི་གཞོན་སྐྱེས་ལ་འགོ་ཁྲིད་ཀྱི་སྦྱོར་བརྡར་གནང་པ།
བློ་དགའ་རང་བཙན་ལཊ་ཀྱི་ཆོས་ཞུཊ་གནང་ཡུལ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཁོང་གི་བདུན་ཚིཊ་གཉིས་པའི་མཆོད་འབུལ།
གཞོན་ནུའི་ལས་འགུལ་བས་རྒྱ་ནག་གཞུང་ཚབ་ཡན་ལག་ནང་འཛུལ་ཐབས་བྱེད་པར་བཀག་འདུག
ལ་དྭགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་གི་ཕྱི་ཕྱོཊ་སུ་སྐོར་ལམ་སྒོ་ཕྱེ་འདུག
ཐའེ་ཝན་དུ་བློ་དགའ་ལགས་སུ་རྗེས་དྲན་དང་རྒྱ་ནག་ལ་ངོ་རྒོལ་བྱས་པ།
RFA
1.
ཨ་རིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་སྐུལ་གནང་བ།
2.
མཉམ་འབྲེལ་རྒྱལ་ཚོཊ་ཀྱི་མདུན་བོད་མི་ལས་འགུལ་བ་གསུམ་དོ་དམ་བྱས་རྗེས་གློད་བཀྲོལ་བཏང་འདུག
3.
ཨ་རིའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པས་༧སྐུའི་འཁྲུངས་སྐར་མཛད་སྒོར་དབུ་བཞུགས་གནང་པ།
4.
༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་པ།
5.
སིཌ་ནི་དང་མེལ་སྦོརཎ་ནང་ཟས་བཅད་ངོ་རྒོལ་དང་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་གནང་པ།