བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༦།༡༧

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། 1. བོད་ཀྱི་ནང་ཆོས་ནི་ཚད་མ་རིག་པ་དང་རིགས་ལམ་ཟུང་འབྲེལ་གྱིས་འགྲོ་སྲོལ་ཡོད་པས། དེང་རབས་ཚན་རིག་དང་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་འགྲོ་ཐུབ་ཀྱི་ཡོད་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བ་དང་བོད་མི་སློབ་ཕྲུག་ཁག་ཅིག་ལ་བཀའ་གནང་འདུག 2. སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛི་ལེནཌི་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཞིང་། ཡུལ་དེའི་སྲིད་བློན་རྒྱ་ནག་ཏུ་རིང་མིན་འཚམས་གཟིགས་སྐབས་བོད་ཀྱི་གནད་དོན་གླེང་དགོས་པའི་འབོད་སྐུལ་ཞུས་འདུག 3. ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་གནང་སྐབས། བོད་ཀྱི་གནད་དོན་ཐོག་དོན་སྙིང་ལྡན་པའི་གླེང་སློང་དགོས་པ་དང་། བོད་རྒྱ་འབྲེལ་མོལ་སླར་གསོ་འབྱུང་ཐབས་སུ་སྐུལ་མ་གནང་དགོས་པ་བོད་དོན་དོན་གཉེར་གྱི་ཚོགས་པ་མང་པོས་ནན་ཏན་གྱི་འབོད་སྐུལ་ཞུས་འདུག Anchor: Tashi Wangchuk Producer: Yeshi Tashi