བརྙན་འཕྲིན་གསར་འགྱུར། ༢༠༢༡།༡༡།༡༨

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྱུང་བའི་གོད་ཆག་ཕོག་པ་ཚོར་དངུལ་དངོས་ཀྱི་ཞལ་འདེབས་མཁོ་སྤྲོད་བྱེད་རྒྱུ་གལ་ཆེ་ཡིན་པ་གསུངས་པ་མཉམ། ཕྱོགས་ཀུན་ནས་བྱམས་བརྩེ་དང་འཚེ་བ་མེད་པའི་བསམ་བློ་གོང་སྤེལ་གཏོང་དགོས་པ་བཀའ་གནང་པ། • ཨ་རིའི་སྲིད་འཛིན་སྦཡེཌན་གྱིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་དྲ་ཐོག་མཇལ་མོལ་ཐེངས་དང་པོའི་སྐབས་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་སྐོར་གླེང་པ། • བོད་མི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་བཙན་ཁྲིད་ཀྱིས་ལོ་གཅིག་མ་ཟིན་ཙམ་འགྲོ་བཞིན་ཡོད་ཀྱང་ཁོང་ལ་ཁྲིམས་ཐག་མ་བཅད་པར་རིག་གནས་རྒྱ་ཡིག་ཐོག་སྒྱུར་བའི་ལས་གཞིའི་ནང་བཀོད་སྒྲིག་བྱས་ཡོད་པ་ཤེས་རྟོགས་བྱུང་པ།