བརྙན་འཕྲིན་གསར་འགྱུར། ༢༠༢༡།༡༢།༢༣།

རྒྱ་གར་གྱི་འཛིན་སྐྱོང་ལས་དོན་ཤེས་ཡོན་ལྟེ་གནས་ཁང་གིས་གསོལ་འདེབས་ཞུས་པའི་དྲ་ཐོག་བགྲོ་གླེང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་པ་དང་བརྩེ་བའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱ་ཐབས་ཐད་བཀའ་སློབ་བསྩལ་པ། • གསར་དུ་བསྐོ་བཞག་བྱུང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ ཨཛ་ར་ཛི་ཡ་ལགས་ཀྱིས་རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་ཞུ་དགོས་པའི་སྐུལ་གནང་ཞིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དགའ་བསུ་ཞུས་པ་དང་འབྲེལ། བོད་རྒྱ་འབྲེལ་མོལ་ཐད་ལ་ཁོང་གིས་ནུས་པ་ལྡན་པའི་ལས་དོན་གནང་པའི་རེ་བ་ཡོད་པ་གསུངས་འདུག • རྒྱ་ནག་གཞུང་གིས་མཚོ་སྔོན་ཕྱོགས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་ནང་མིར་བཙོན་པ་དེ་དག་ཐུག་འཕྲད་བྱེད་འཇུག་གི་མེད་པ་རེད་འདུག