ལྕམ་ནེན་སི་པི་ལོ་སི་མཆོག་བསྐྱར་དུ་ཚོགས་གཙོར་འདེམས་ཐོན་བྱུང་བའི་ཐད་གླེང་མོལ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པི་ལོ་སི་མཆོག་བསྐྱར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འོས་འདེམས་བྱུང་བ་དེས། བོད་དོན་ཐད་གལ་གནད་རང་བཞིན་དང་། རྒྱ་ནག་གཞུང་ལའང་བོད་དོན་ཐོག་ལ་ཨ་མི་རི་ཀའི་ངོས་ནས་ད་དུང་སྔར་བས་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་མེད་སྐོར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ དངོས་འགྲུབ་ཚེ་རིང་ལགས་དང་། རྒྱལ་སྤྱིའོ་བོད་དོན་ལས་འགུལ་ཁང་གི་ལས་ཚབ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་རྣམ་གཉིས་དང་ལྷན་དུ་རྩོམ་སྒྲིགས་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།