བོད་མི་སྒྱུ་རྩལ་བ་དང་དེའི་གལ་གནད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བོད་མི་སྒྱུ་རྩལ་བ་དང་། ཆེད་ལས་པ། མཁས་དབང་སོགས་ཀྱི་ཚོགས་འདུ་ཞིག་བསྐོང་འཚོགས་གནང་བཞིན་ཡོད་ཅིང་། གཙོ་བོ་བོད་ཀྱི་སྒྱུ་རྩལ་ལག་ཤེས་མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་དང་། དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་གནང་ཡོད་པ་རེད། དེ་རིང་གླེང་མོལ་གྱི་ལས་རིམ་ནང་། བོད་མི་སྒྱུ་རྩལ་བ་དང་དེའི་གལ་གནད་སྐོར་མ་ཎ་ལི་སམ་བྷོ་ཊ་སློབ་གྲྭའི་ཟློས་གར་དགེ་རྒན་བསྟན་འཛིན་སྒྲོལ་མ་ལགས་དང་ཤོག་ལྷེ་ལྡེབ་སྦྱོར་རི་མོ་བ་མངོན་ཤེས་ཆོས་སྒྲོན་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་ལས་ཁུངས་ཀྱི་འགན་འཛིན་ཡེ་ཤེས་ཟླ་བ་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གཟིགས་རོགས་གནང་།