ཉེ་ཆར་ཁེ་ན་ཌ་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བའི་མཐོ་རིམ་དཔོན་རིགས་ཟུར་པ་བརྒྱད་ལ་བཀག་སྡོམ་ཉེས་ཆད་བཀལ་ཡོད་པའི་ཁྲོད། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟུར་པ་ (Chen Quanguo) དང་། (Wu Yingjie)གཉིས་ཚུད་ཡོད་ལ། ཕྱི་སྲིད་བློན་ཆེན་ལྕམ་(Mélanie Joly)་ཡིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་གཞན་དག་དང་། དེ་བཞིན་ཧྥ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་ཐོག་དྲག་གནོན་བྱེད་བཞིན་པར་ཁ་གཏད་རྒོལ་ལན་སྤྲོད་ཆེད་ཡིན་ཞེས་གསུངས་ཡོད་པ་རེད། ཐེངས་འདིའི་གླེང་མོལ་གྱི་ལས་རིམ་ནང་། བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་དང་ཁེ་ཎ་ཌ་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཤེས་ཪབ་མཐར་ཕྱིན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་གཟིགས་གནང་རོགས་གནང་།
Canada sanctions Chinese officials for human rights violations in Uyghur and Tibet.
Host: Palden Gyal
Producer: Nordhey Dolma