ཨ་རིའི་གསང་བའི་ལས་ཁུངས་དང་ཆུ་བཞི་སྒང་དྲུག

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་ལ་དེ་སྔ་སྤྱི་ལོ་༡༩༥༨ ནས་ ༡༩༦༤ བར་དམག་སྦྱོང་སྤྲོད་སའི་དམག་སྒར་ཆགས་ཡུལ་ཨ་རིའི་Colorado མངའ་སྡེའི་Camp Hale ས་གནས་སུ་ཉེ་ཆར་རྗེས་དྲན་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། དུས་དྲན་ཐོག་རྒྱ་གར་ནས་ཆེད་དུ་ཕེབས་པའི་དྲུང་ཡིག་ལྷ་མོ་ཚེ་རིང་དམ་པ་ཁོང་གི་བུ་། གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ལྷན་འདི་གའི་ཆེད་གཉེར་གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ལོ་རྒྱུས་ལ་ཕྱི་བལྟས་ཀྱིས་ད་ལྟའི་བོད་དོན་འཐབ་རྩོད་ལ་འབྲེལ་བ་ཇི་ཆགས་ཀྱི་སྐོར་བཅར་འདྲི་ཞུས་པ་དེ་གཟིགས་རོགས་གནང་།