བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༥།༢༥

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། · སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུཀ་ཝིན་དྷཱར་ སིངག སུ་ཀུ་མཆོག་ལགས་ལ་མཇལ་ཁ་སྩལ་གནང་ཡོད་པ་རེད། · ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དགའ་བསུ་ཞུས་གནང་སོང་། · དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡབ་ཀརྨ་དོན་གྲུབ་ལགས་དགུང་ལོ་ ༨༧ ཐོག་ཆབ་མདོའི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་འདུག Anchor: Tashi Wangchuk Producer: Yeshi Tashi