ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོའི་གནས་བབ།

ལ་དྭགས་དང་། མོན་རྟ་དབང་སོགས་རྒྱ་གར་འཛིན་སྐྱོད་འོག་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོའི་གནས་བབ་། ཆོས་དང་རིག་གཞུང་རྒྱུད་འཛིན་གནང་སྟངས། དེ་བཞིན་བོད་དོན་སྐོར་ལ་དོ་སྣང་ཅི་ཡོད་སོགས་ཀྱི་ཐད་། ས་ཁུལ་དེ་དག་ནང་དངོས་སུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་གནང་མྱོང་མཁན་། བོད་དོན་འཐབ་རྩོད་པ་དང་། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་མཉམ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས།