བོད་ནང་གི་བོད་མི་ཚོར་དམ་དྲག

དེ་རིང་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་གཞུང་གིས་དེང་རབས་འཕྲུལ་རིག་དྲྭ་རྒྱ་དང་། མཉེན་ཆས་སོགས་བེད་སྤྱད་བཏང་ནས་བོད་ནང་གི་བོད་མི་ཚོར་དམ་དྲག་དང་། སྟངས་འཛིན་བྱེད་བཞིན་ཡོད་པའི་སྐོར་ལ་དབྱིན་ཡུལ་དུ་རྟེན་གཞི་བྱེད་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་དབར་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས།