བརྙན་འཕྲིན་གསར་འགྱུར། ༢༠༢༡།༡༢།༣༠།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༠།༡༢།༡༧ ཐེངས་འདིའི་བརྙན་འཕྲིན་ནང་། ༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་རིན་པོ་ཆེའི་མཛད་པར་ཁ་དང་ཚིག་ཙམ་ནས་རྗེས་དྲན་མ་ཡིན་པར་ཐོས་བསམ་ལ་འབད་བརྩོན་གྱིས་ཐོག་ནས་གནང་རྒྱུ་གལ་ཆེན་ཡིན་པ་བཀའ་སློབ་བསྩལ་པ། ༢) རྒྱ་ནག་གཞུང་གིས་ཁམས་བྲག་འགོ་རྫོང་དུ་ཡོད་པའི་སྟོན་པའི་སྐུ་བརྙན་ཆེ་ཤོས་ཤིག་དང་མ་ཎྀ་དུང་འཁོར་༤༥ཙམ་གཏོར་བཤིག་བཏང་པར། བཙན་བྱོལ་བོད་མི་ཚོས་ངོ་རྒོལ་བྱས་པ། ༣) བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ཟླ་སྒྲིལ་གྱི་ལས་གཞི་འགོ་འཛུགས་བྱས་ཡོད་འདུག Anchor: Tashi Wangchuk Producer: Yeshi Tashi