བརྙན་འཕྲིན་གསར་འགྱུར།༢༠༢༤།༠༦།༠༦

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། རྒྱ་གར་གྱི་སྲིད་བློན་ན་རེནདྲ་མོ་དྷིས་སྣེ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་འདུག་ཅིང་། འོས་བསྡུའི་ལས་རིམ་འདི་རྒྱ་གར་གྱི་མང་གཙོའི་རིན་ཐང་ལ་ཇི་ཙམ་བརྩི་སྲུང་བྱེད་པ་མཚོན་གྱི་ཡོད་པ་བཀའ་སྩལ་འདུག བོད་མདོ་སྨད་མཚོ་སྔོན་ས་ཁུལ་གྱི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔའ་ཁ་གྲོང་བརྡལ་ཉེ་འགྲམ་དུ་རྨ་ཆུ་གཙང་པོར་ནུས་ཤུགས་གློག་འདོན་ས་ཚིགས་འཛུཊ་སྐྲུན་གྱི་ཆེད། ཡུལ་དེའི་ཉེ་འགྲམ་དུ་ཆགས་པའི་ཨ་ཚོགས་དགོན་པའི་གནས་སྤོ་བྱེད་འགོ་ཚུགས་ཡོད་པ་བཞིན། དགོན་པའི་གྲྭ་ཤག་དང་ལྷ་ཁང་ཁག་གཏོར་བཤིག་གཏོང་གི་ཡོད་འདུག ༢༠༢༤ ཟླ་ ༦ ཚེས་ ༥ འཛམ་གླིང་ཁོར་ཡུག་ཉིན་མོར་བོད་མི་ཚོས་ང་ཚོའི་ས་གཞི་ནི་ང་ཚོའི་མདུན་ལམ་ཞེས་པའི་འབོད་ཚིག་འཁྱེར་ཏེ་མཉམ་ཞུགས་གནང་འདུག Anchor:Tashi Wangchuk Producer: Nordhey Dolma