བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༢།༡༨

༡) མདོ་སྨད་མགོ་ལོག་དར་ཐང་དགོན་པའི་སྤྱི་ཁང་གི་ཉེ་འཁྲིས་སུ་རྒྱ་ནག་གི་ཉེན་རྟོག་ཁང་ཞིག་གསར་རྒྱག་བྱས་འདུག ༢) རྒྱ་ནག་གཞུང་གིས་ཨོ་ལོམ་པིཀསི་རྩེད་འགྲན་ཚོགས་པ་དང་བསྟུན་རྩེད་འགྲན་དང་འབྲེལ་བའི་མིང་ཚིག་མང་པོ་ཞིག་བོད་ཡིག་ནང་གཏན་བེབས་བྱས་པར་བོད་མིས་མི་འདོད་པའི་རྣམ་འགྱུར་བསྟན་འདུག ༣) རྒྱ་གར་དབུས་གཞུང་ཁྲིམས་ཀྱི་བློན་ཆེན་གྱིས་ད་ལྟའི་རྒྱ་གར་གཞུང་འཛིན་གྱི་ངོས་ནས་རྒྱ་ནག་ལ་དེ་སྔ་ལས་ལྷག་པའི་ཁ་གཏད་བྱེད་བཞིན་ཡོད་པ་གསུངས་འདུག