བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༤།༡༡

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོའི་བརྩེ་བའི་མིག་བལྟོས་ནི་ཨ་མའི་དྲུང་ནས་ཡོང་གི་ཡོད་པས། འཛམ་བུ་གླིང་འདིའི་སྟེང་བརྩེ་བ་ནི་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་ཅེས་གཞོན་སྐྱེས་ཀྱི་འགོ་ཁྲིད་ཁག་ཅིག་ལ་བཀའ་སློབ་གནང་པ། འཇར་མན་གཞུང་གི་མགྲིན་ཚབ་པས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་དོར་ཐབས་མེད་པར་གལ་ཆེན་དུ་བརྩི་བཞིན་ཡོད་ཅེས་སྲིད་བློན་ Olaf Scholz རྒྱ་ནག་ཏུ་མ་ཕེབས་གོང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་བྱུང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྐབས་ ༤༣ པའི་ཁེ་ན་ཌའི་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་མངའ་སྡེའི་གྲོས་ཚོཊ་སུ་གཞུང་འབྲེལ་ཕེབས་བསུའི་སྣེ་ལེན་ཞུས་ཐོག་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་བློན་ཆེན་ཁག་ཅིག་དང་སྲིད་སྐྱོང་མཆོག་གི་དབར་མཇལ་མོལ་གནང་འདུག Anchor:Tashi Wangchuk Producer: Nordhey Dolma