བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༨།༠༦

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། • ཟླ་འདིའི་ཕྱི་ཚེས་ ༥ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་དྭངས་སྐྱེད་ཡག་པོ་ཡོང་བཞིན་པ་སྨན་པ་ཌེ་ཝིཌ་མེ་མན་ནས་གསུང་བ། • བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཞོ་སྟོན་གྱི་དུས་ཆེན་སྔ་ནུབ་ནས་འགོ་བཙུགས་ཀྱིས་གཞུང་ལམ་ཁག་ཅིག་བཀག་སྡོམ་དང་སྒྲིག་ཆས་གྱོན་ཡོད་མེད་གཉིས་ཀྱི་ཉེན་རྟོག་པས་གོས་སྐུ་བཤམ་ཡུལ་དུ་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པ། • བོད་ནང་གི་དར་རྩེ་མདོ་རུ་འདམ་རུད་རྐྱེན་གྱིས་ཟམ་པ་དང་ཁང་པར་གཏོར་སྐྱོན་གྱིས་མི་མང་པོ་ཤི་རྨས་བྱུང་འདུག Reporter: Chakmo Tso Producer: Yeshi Tashi