བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༢།༡༩

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༢།༡༩ RFA Tibetan TV February 19, 2022 ༡) གསང་ཆེན་སྔ་འགྱུར་རྙིང་མའི་བླ་ཆེན་༧སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་སངས་རྒྱས་པདྨ་བཞད་པ་མཆོག་དགོངས་པ་གཞན་དོན་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་པ། ༢) ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཆེན་མོ་ Rashad Hussain ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུའི་འདུན་པ་ཡོད་པ་གསུངས་པ། ༣) བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝང་ཅུན་ཀྲེང་གིས་ལྷ་སར་ཡོད་པའི་དགོན་སྡེ་ཁག་ཅིག་ནང་བརྟག་ཞིབ་བྱས་པ་དེ་ནི་གསུམ་བཅུའི་སྒེར་ལངས་ལ་དྭོགས་ཟོན་བྱེད་པ་ཡིན་པ་གསུངས་པ། Anchor: Tashi Wangchuk Producer:Tamdin Wangchuk