བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༩།༠༩

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༣།༠༩།༠༩ RFA Tibetan TV –September 09, 2023 ཐེངས་འདིའི་བརྙན་འཕྲིན་ནང་། ༡ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ནང་སེམས་ཀྱི་ཞི་བདེ་སྣང་མེད་དུ་བཏང་ནས་ཕྱིའི་གོ་མཚོན་བཀག་བསྡོམས་བྱས་པ་ཙམ་གྱིས་ཞི་བདེ་ཡོང་གི་མེད་པ་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་བཀའ་སློབ་གསུང་འཕྲིན་བསྩལ་འདུག ༢ རྒྱ་གར་ནང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་འདུ་ G20 ཚོགས་པའི་ཐོག་བོད་དོན་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་གཏོར་གཏོང་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ། ༣ ཨ་རིའི་ནིའུ་ཡོག་མངའ་སྡེའི་ཨིཐི་ཀ་གྲོང་ཁྱེར་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་གསར་བཞེངས་ལེགས་གྲུབ་བྱུང་སྟེ་དབུ་འབྱེད་གནང་འདུག Anchor-Tashi Wangchuk Producer:Tamdin Wangchuk