བརྙན་འཕྲིན་གསར་འགྱུར། ༢༠༢༡།༠༧།༢༧

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༡།༠༧།༢༧ ཐེངས་འདིའི་བརྙན་འཕྲིན་ནང་། ༸གོང་ས་མཆོག་གིས་རྒྱ་གར་གྱི་མངའ་སྡེ་མ་ཧཱ་རཱཤ་ཊར་(Maharashtra)ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེ་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ། རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་དང་ཐག་ཉེ་དུད་ཅིག་ཟེར་བའི་ས་གནས་ཀྱི་བོད་མིའི་འབྲོག་པའི་སྒོ་ཕྱུགས་སེམས་ཅན་ལ་ཁ་ཚ་རྨིག་ཚ་ཞེས་བའི་རིམས་ནད་ཞིག་འགོས་ཁྱབ་བྱུང་ནས་ར་ལུག་བརྒྱ་ཕྲག་མང་པོ་ཤི་འདུག ཨ་རིའི་ཕྱི་སྲིད་དྲུང་གཞོན་ཝེན་ཌིས་ཞིར་མན་(Wendy Sherman)གྱིས་རྒྱ་ནག་གི་དཔོན་རིགས་ཁག་དང་མཇལ་འཕྲད་སྐབས་བོད་དོན་གླེང་སློང་གནང་ཡོད་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – July 27, 2021 Anchor: Chakmo Tso Producer: Passang Dhonden