བོད་པའི་གཞོན་སྐྱེས་ཚོར་དམིགས་ནས་འགོ་ཁྲིད་ཀྱི་ཟབ་སྦྱོང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་ལྟར་ཨ་རིའི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་བོད་པའི་གཞོན་སྐྱེས་ཚོར་དམིགས་ནས་འགོ་ཁྲིད་ཀྱི་ཟབ་སྦྱོང་ཞིག་གནང་གི་ཡོད་པ་རེད། ཐེངས་འདིའི་གླེང་མོལ་གྱི་ལས་རིམ་ནང་། འདི་ལོ་འགོ་ཁྲིད་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཁོངས་ནས་བསྟན་འཛིན་ཚེ་དགའ་ལགས་དང་། ཨ་ཙག་ཚང་བདེ་ཆེན་ལགས་རྣམ་པ་གཉིས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འགོ་ཁྲིད་ཟབ་སྦྱོང་གི་ཕན་ནུས་དང་ཉམས་མྱོང་སྐོར་གླེང་མོལ་ཞུས་པ་དེ་གཟིགས་རོགས་གནང་།