རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སོགས་ཀྱི་སྐོར།

གླེང་མོལ་གྱི་ལེ་ཚན་ནང་། ཨ་རི་བ་བོད་རིག་པ་བ་དགེ་རྒན་ཆེན་མོ་ འཇེཕརི་ཧོཔ་ཀིནསི་ ལགས་ཀྱིས་ལོ་ངོ་༣༠ ལྷག་གི་རིང་ཝིར་ཇི་ནི་ཡ་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་སོགས་སློབ་ཁྲིད་གནང་བའི་བརྒྱུད་རིམ་ཁྲོད་ཀྱི་ལོ་རྒྱུས་དང་། དེ་བཞིན་ཁོང་གི་བརྩམས་ཆོས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སོགས་ཀྱི་སྐོར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས།