བརྙན་འཕྲིན་གསར་འགྱུར། ༢༠༢༢།༡༠།༢༥

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༡༠།༢༥ ཐེངས་འདིའི་བརྙན་འཕྲིན་ནང་། ༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་རུང་བོད་ཀྱི་ཆོས་དང་རིག་གཞུང་ནམ་ཡང་མེད་པ་བཟོ་ཐུབ་ཀྱི་མ་རེད་ཅེས་བཀའ་སློབ་སྩལ་འདུག ཞི་ཅིན་ཕིང་མུ་མཐུད་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་ཡོད་པ་དང་འབྲེལ་ནས་བོད་མི་ཚོས་བོད་དོན་ལས་འགུལ་སྔར་ལྷག་སྤེལ་དགོས་པ་བསམ་ཚུལ་བཏོན་གནང་བ། བོད་རང་སྐྱོང་ཟེར་བཞིན་པ་ཡོངས་སུ་ཉེན་ཁ་ཆེ་ཁུལ་དང་འབྲིང་ཁུལ་མེད་ཚུལ་བསྒྲགས་ནའང་། ནད་པ་གསར་པ་མུ་མཐུད་ཐོན་བཞིན་ཡོད་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – October 25, 2022 Anchor: Guru Choegyi Producer: Passang Dhonden