མི་མང་གི་སྲིད་སྐྱོང་།

གླེང་མོལ་ལས་རིམ་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་༧སྐུ་དབང་མང་ཚོགས་ཀྱིས་བདམས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་པའི་ལོ་རྒྱུས་ཀྱི་བྱུང་བ་དང་། ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་བོད་གཞུང་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་རྒྱུན་མཐུད་ཇི་ལྟར་ཡིན་པ། དེ་བཞིན་འདས་པའི་ལོ་བཅུའི་རིང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གཞུང་ཐད་ཡར་རྒྱས་དང་། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གླེང་སློང་གནང་བའི་གནད་དོན་ཆེ་ཁག་ཞིབ་གསལ་འཁོད་པའི་མི་མང་གི་སྲིད་སྐྱོང་ཞེས་པའི་དེབ་ཞིག་འདོན་སྤེལ་བྱས་ཡོད་ཅིང་། དེ་རིང་གླེང་མོལ་གྱི་ལེ་ཚན་ནང་དེབ་དེ་རྩོམ་པ་པོ་སྤྱིར་ཟུར་འཇམ་དབྱངས་བཟོད་པ་ལགས་དང་། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གཉིས་དབར་གླེང་མོལ་གནང་པ་དེ་གཟིགས་རོགས་གནང་།