བརྙན་འཕྲིན་གསར་འགྱུར། ༢༠༢༡།༠༥།༡༣།

༡༽ འགྲོ་བ་མི་ཡོངས་རྫོགས་བྱམས་བརྩེས་འཚོ་བ་གཅིག་འགྱུར་ཡིན་པ་དང་། དགྲ་གཉེན་སུ་ཡིན་རུང་བདེ་སྐྱིད་མི་འདོད་མཁན་གཅིག་ཀྱང་མེད་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་དེ་མི་རབས་གསར་པ་ཚོར་ཤེས་ཡོན་གྱི་ལམ་ནས་སྤེལ་ཐབས་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་བ། ༢) ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིིས་བཏོན་པའི་ལོ་འཁོར་སྙན་ཐོའི་ནང་བོད་ནང་གི་ཆོས་དད་རང་དབང་གི་གནས་བབས་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བརྡོག་རོལ་དུ་གཏོང་བཞིན་པ་བཀོད་འདུག ༣) ལྷ་སར་ས་ག་ཟླ་བའི་རིང་ནད་ཡམས་དང་འབྲེལ་ནས་དམ་དྲག་བྱེད་རྒྱུའི་སྔོན་བརྡ་བཏང་འདུག