རྒྱ་ནག་གིས་ཌིབ་སིག་མིས་བཟོས་རིག་ནུས་ཀྱི་ཆེད་མཁས་པ་རྣམས་ཀྱི་ཕྱིར་བསྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་འདུག

2025.03.17
རྒྱ་ནག་གིས་ཌིབ་སིག་མིས་བཟོས་རིག་ནུས་ཀྱི་ཆེད་མཁས་པ་རྣམས་ཀྱི་ཕྱིར་བསྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་འདུག རྒྱ་ནག་གིས་ཉེ་ལམ་བཟོས་བའི་ཌིབ་སིག་ (DeepSeek) ་མིས་བཟོས་རིག་ནུས།
REUTERS

རྒྱ་ནག་གིས་ཉེ་ལམ་བཟོས་བའི་ཌིབ་སིག་ (DeepSeek) ་མིས་བཟོས་རིག་ནུས་ནུས་པ་ཆེ་ཞིང་འགྲོ་སོང་ཆུང་བ་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆེན་པོར་གྱུར་པ་དང་། རྒྱ་ནག་གིས་ཌིབ་སིག་ (DeepSeek) ཞེས་བའི་མིས་བཟོས་རིག་ནུས་ལ་རྒྱལ་ཁབ་རིམ་པའི་ལག་རྩལ་རྩ་ཆེན་གྱི་མིང་བཏགས་ཡོད་འདུག་ལ། མིས་བཟོས་རིག་ནུས་དེ་དང་འབྲེལ་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱི་གྱར་མི་ཡོང་བའི་ཉེན་འགོག་ཆེད་ལས་བྱེད་གཙོ་བོ་རྣམས་ཀྱི་ཕྱི་བསྐྱོད་ལག་འཁྱེར་བསྡུ་ལེན་བྱས་བ་དང་། མིས་བཟོས་རིག་ནུས་དེ་དང་འབྲེལ་བའི་ཆེད་མཁས་པ་རྣམས་ཀྱི་ཕྱིར་བསྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་འདུག
(The Verge) གསར་ཁང་གི་མིས་བཟོས་རིག་ནུས་ཀྱི་གསར་འགོད་པ་ཀེ་ལི་རོ་བི་སོན་ (Kylie Robison) གྱིས་ (The Information) ་སྙན་ཐོ་ལུང་འདྲེན་བྱས་པ་ལྟར་ན། ཌིབ་སིག་ (DeepSeek) མིས་བཟོས་རིག་ནུས་བཟོ་སྐྲུན་པ་ཚོར་གསང་བའི་གནས་ཚུལ་སྲུང་སྐྱོབ་ཆེད་དུ་འགྲུལ་བསྐྱོད་ཚོད་འཛིན་བྱེད་ཀྱི་ཡོད་པ་དང་། དེའི་ནང་དུ་ཚོང་དོན་ནམ་རྒྱལ་ཁབ་ཀྱི་གསང་བ་ཡང་ཚུད་ཡོད་ཅིང་། འདི་ནི་མིས་བཟོས་རིག་ནུས་དང་འབྲེལ་བའི་བློ་རིག་རྒྱུ་དངོས་སྲུང་སྐྱོབ་ཐད་ཀྱི་སེམས་ཚབས་ཇེ་ཆེར་འགྲོ་བཞིན་པའི་སྐབས་དང་། ལྷག་པར་དུ་མི་བཟོས་རིག་ནུས་ཐད་འཛམ་གླིང་ནང་འགྲན་རྩོད་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་བྱུང་ཡོད་པ་བསྒྲགས་འདུག
ཌིབ་སིག་ (DeepSeek) ནི་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་བཟོས་བའི་ (OpenAI) དང་། (Google DeepMind) ལྟ་བུའི་བཟོ་རིག་ཚོང་སྡེ་ཁག་གི་འགྲན་ཟླར་གྱུར་ཡོད་པ་དང་། བཟོ་བཀོད་འདིས་གླེང་མོལ་དང་། ནང་དོན་བསྐྲུན་པ་མ་ཟད། བཟོ་རིག་གིས་སྐུལ་བའི་ལག་ཆ་གཞན་ཡང་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག
རྒྱ་ནག་གི་མིས་བཟོས་རིག་ནུས་ཌིབ་སིག་ (DeepSeek) ཟེར་བ་དེས་རྒྱལ་སྤྱིའི་ཁྲོད་བོད་དོན་སོགས་ལོག་འགྲེལ་ཁྱབ་སྤེལ་གྱི་ཉེན་ཁ་ཆེན་པོ་ཡོད་པ་ཉམས་ཞིབ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་པ་སོགས་ཀྱིས་ངོས་འཛིན་གནང་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་ལ་ལྷོ་ཀོ་རི་ཡ་སོགས་ཀྱིས་རྒྱ་ནག་གི་མིས་བཟོས་རིག་ནུས་དེས་མཛད་སྤྱོད་པ་མི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་སོགས་ལ་ཉེན་ཁ་ཡོད་པར་དོགས་ནས་རྒྱ་ནག་གི་མིས་བཟོས་རིག་ནུས་དེ་བཀག་སྡོམ་བྱས་འདུག


གསར་འགོད་པ། རྡོ་རྗེ་སྒྲོལ་མ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མཐོང་མཆན་འཛིན་མཁན་ལས་བྱེད་རྣམས་ཀྱང་ཕོགས་མེད་གུང་སེང་ལ་གཏོང་དགོས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་ཕུད་པའི་རྒྱལ་ཁབ་གཞན་རྣམས་ལ་སྒོ་ཁྲལ་ཆག་ཡང་བརྒྱུད་རྒྱ་ནག་དང་ལྷན་དཔལ་འབྱོར་འབྲེལ་ལམ་ཇེ་ཞན་དུ་གཏོང་བར་གནོན་ཤུགས་སྤྲད་པའི་སྐྱོན་བརྗོད་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎