བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར།

བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་གཉིས་པ་དེ་ཚོགས་གཏན་འཁེལ་ཡོད་པ་རེད་

༄༅༎བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་ཐོག་མེ་སོར་ས་གནས་ཁྲིམས་ཞིབ་ཁང་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་ལྷོ་སྤྱིའི་ཁྱབ་ཁོངས་ཁ་ཐོར་འདུ་སྡོད་ཁག་གཉིས་བཅས་ཁྱོན་མི་གྲངས་༤༢ཙམ་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་༢དེ་གནང་གཏན་འཁེལ་ཡོད་ཅིང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་ཁྲིམས་ཞིབ་ངག་དབང་ཐུབ་བསྟན་རྣམ་གཉིས་ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་བདུན་པའི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཐེབས་ཐོན་གྱིས་ ཚེས་༢༡ཀྱི་སྔ་དྲོ་མཁའ་ལམ་བརྒྱུད་བེང་ལོར་དུ་ཕེབས་འབྱོར་གནང་རྒྱུ་དང་ཕྱི་དྲོ་བེ་ལ་ཀོ་པིར་ཕེབས་འབྱོར་གྱིས་ས་གནས་སུ་ཁྲིམས་རྩོད་པའི་སྦྱོང་བརྡར་སློབ་ཁྲིད་ཕྱོགས་མཚུངས་ས་གནས་ཁྲིམས་ཞིབ་ཁང་དུ་ལས་དོན་གཟིགས་ཞིབ་སོགས་ཕྱི་ཚེས་༢༣ནས་ཉིན་གྲངས་བཅུ་ཡི་རིང་གནང་རྒྱུ་ཡིན་པ་དང་ ཕྱི་ཟླ་བརྒྱད་པའི་ཚེས་༢ཉིན་བེང་ལོར་བརྒྱུད་ལྡི་ལི་དང་ཕྱི་ཚེས་གསུམ་ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཕེབས་འབྱོར་གྱིས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་འདུག