རྒྱ་བློ་བཟང་བཀྲ་ཤིས་དང་ཆུ་སྒང་ཟེར་བའི་ལོ་རྒྱུས་ཀྱི་དེབ་ཀྱི་ནང་དོན།
2025.03.17
ཐེངས་འདིའི་གཏམ་གླེང་གི་ལེ་ཚན་ནང་། དེ་སྔ་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་གི་བོད་བསྐྱོད་དམག་སྡེའི་ཁོངས་སུ་ཞུགས་ཏེ་བོད་ནང་དམག་འཐབ་བྱེད་དུ་ཡོང་བ་ནས་རྗེས་སུ་བོད་དམག་ནང་ཞུགས་ཏེ་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་དང་འཐབ་འཛིངས་བྱེད་མཁན་རྒྱ་བློ་བཟང་བཀྲིས་ཟེར་བའི་ལོ་རྒྱུས་ཀྱི་དེབ་ཀྱི་ནང་དོན་དང་། དམིགས་བསལ་རྒྱ་བློ་བཟང་བཀྲིས་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་ཐོག་ནས་སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པའི་གནས་སྟངས་སྤྱི་དང་ཡང་སྒོས་རྒྱ་དང་བོད་དམག་གཉིས་དབར་གྱི་དམག་འཐབ་ཀྱི་ཐབས་ཇུས་དང་། རྒོལ་འཛིངས་བྱེད་སྟངས་སོགས་དྲག་པོའི་འཐབ་འཛིངས་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལོ་རྒྱུས་ཀྱི་དེབ་རྩོམ་པ་པོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་གྲོས་བཏོན་པ་ཟུར་པ་ཚེ་རིང་དབང་ཕྱུག་ལགས་སུ་བཀའ་འདྲི་ཞུས་པ་ཞིག་སྙན་སྒྲོན་ཞུ་ཡི་ཡིན།
གསར་འགོད་པ། གཡུ་སྒྲོན།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།