ཡོངས་བསྒྲགས་སུ་དྭང་སློབ་དམག་སྡེ་ ༢༢ ཞེས་རྒྱ་གར་གྱི་མཐའ་སྲུང་དྭང་སློབ་དམག་སྒར་གྱི་བོད་དམག་ཚོས་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་མཐའ་མཚམས་སྲུང་སྐྱོབ་ལ་གཟེངས་སུ་ཐོན་པའི་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད། ཐེངས་འདིའི་གླེང་མོལ་གྱི་ལེ་ཚན་ནང་། རྒྱ་གར་གྱི་དམག་མིའི་དཔའ་རྟགས་རིམ་པ་གསུམ་པ་ Shaurya Chakra བཞེས་མྱོང་མཁན་ཟླ་བ་ཤཱོརྱ་ཅཀྲ་ལགས་དང་ལྷན་དྭང་སློབ་དམག་སྒར་ ༢༢ ཀྱི་བྱུང་རིམ་དང་གལ་གནད། དེས་རྒྱ་གར་གྱི་རྒྱལ་སྲུང་ཐད་ཞབས་འདེགས་ཇི་ཞུས། ལྷག་པར་ཟླ་བ་ལགས་སྐུ་སྒེར་གྱི་མི་ཚེའི་ལོ་རྒྱུས་སྐོར་དང་འབྲེལ་ཕྱག་དེབ་ཅིག་བཏོན་གནང་ཡོད་པ་དེ་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་བདེ་སྐྱིད་ཀུན་སྒྲོལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས་གནང་།
An exclusive interview with Dawa Shaurya Chakra on the importance of the Special Frontier Force (SFF), or Establishment 22.
Host: Deki Kundol
Producer: Tenzin Dhonyoe