བརྙན་འཕྲིན་གསར་འགྱུར། ༢༠༢༠།༡༢།༡༠

༡༽ འཛམ་གླིང་ས་ཕྱོགས་གང་སར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་ཆེན་སྲུང་བརྩི་ཞུས་པ། ༢) ཨ་རི་དང་ཡོ་རོབ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མོས་གུས་ཆེན་པོ་ཞུ་བཞིན་ཡོད་པ་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་པ། ༣) པེ་ཅིན་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་ཆེན་མོ་བོད་ནང་གཟིགས་བསྐོར་གནང་སྐབས་རྒྱ་ནག་གཞུང་གི་འདོད་ཕྱོགས་དྲིལ་བསྒྲགས་ཆེད་དམིགས་པ་ལས་དེ་མིན་ལྟ་ཞིབ་བྱེད་རྒྱུར་དོ་དམ་ནན་པོ་ཡོད་པ་གསུངས་འདུག