བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༥།༢༥

1. ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འདིན་ཐེབས་རྩ་ཁང་གིས་བརྟན་བཞུགས་བསྟར་འབུལ་སྐབས། ༧གང་ཉིད་༧སྐུ་ཚེ་ཡུན་རིང་བཞུགས་ཏེ་སངས་རྒྱས་ཀྱི་བསྟན་པ་གོང་སྤེལ་ལ་མུ་མཐུད་ཕན་ཐོགས་རྒྱ་ཆེ་བསྒྲུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་བཀའ་སློབ་ཕེབས་འདུག 2. འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་ རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འབོད་སྐུལ་གནང་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུ་དང་བསྔགས་བརྗོད་ཀྱི་གསུང་འཕྲིན་བསྩལ་གནང་མཛད་པ། 3. བོད་ནང་རིགས་རྫས་མཁོ་བསྡུ་བྱེད་རྒྱུར་རྒྱ་ནག་གཞུང་ལ་ཡོ་ཆས་མཁོ་འདོན་བྱེད་མཁན་ Thermo Fisher ཚན་རྩལ་ཁང་ལ་བོད་མི་དང་ཚོང་ལས་མ་རྩ་འཛུགས་མཁན་ཕྱི་རྒྱལ་གྱི་ཚོང་ལས་སྡེ་ཚན་བཅས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཁག་ཅིག་སྤེལ་འདུག