བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༣།༡༤

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། ༡) གསུམ་བཅུའི་དུས་དྲན་སྐབས་དང་ས་བྱི་ཞི་རྒོལ་གྱི་དུས་ཚིགས་སྐབས་འདིར་ལྷ་སར་ཞིབ་བཤེར་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག ༢) ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་Nancy pelosi མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུ་རེ་ལྔའི་རིང་བོད་མི་མང་གིས་ཆོད་སེམས་བརྟན་པོ་བཟུང་བར་ངོས་འཛིན་ཐོག ད་དུང་ཡང་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་དང་བོད་དོན་བདེན་མཐའ་གསལ་རྒྱུར་མུ་མཐུད་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ། ༣) སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་སྐྱོན་འཛུགས་ཀྱི་གནས་བབ་དེ། གཞི་རྩ་མེད་པ་དང་གཙང་མ་ཆགས་པ་བདེ་སྲུང་ལས་ཁུངས་ཀྱི་ཞིབ་འཇུག་སྙན་ཐོ་སྤྱི་འཐུས་ཀྱི་ཚོགས་གཙོས་གྲོས་ཚོགས་སུ་སྙན་སྒྲོན་གནང་འདུག Anchor:Kalden Lodoe Producer: Nordhey Dolma