རང་ལུས་མེ་བསྲེག

ཕྱི་ཟླ་ ༢ ཚེས་ ༢༥ ནས་རྒྱ་ནག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མ་ཚོགས་པའི་ཉིན་ ༡ གོང་བོད་ཀྱི་རྒྱལ་ས་ལྷ་ས་པོ་ཏ་ལའི་མདུན་ཐང་དུ་བོད་ནག་ཆུ་ནས་ཡིན་པའི་བོད་མི་སྒྱུ་རྩལ་བ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ཞིང་། རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་འདིའི་སྐོར་ཆེས་གསང་བ་དམ་པོ་བྱེད་བཞིན་ཡོད་པ་རེད། དེ་རིང་གླེང་མོལ་གྱི་ལེ་ཚན་ནང་། ཁོང་གིས་རང་ལུས་མེ་བསྲེག་གནང་དགོས་པའི་རྒྱུ་མཚན་དང་འབྲེལ་ཁོང་གི་ནང་མིའི་སྐོར་ཆ་རྒྱུས་ཡོད་མཁན་སྤྱི་ཟུར་ངག་དབང་ཐར་པ་ལགས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གཟིགས་རོགས་གནང་།