རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༣ ལོའི་གསར་འགོད་རང་དབང་གི་གནས་སྟངས་གསལ་བའི་རྒྱལ་ཁབ་ཀྱི་ཐོ་གཞུང་བཏོན་པའི་ནང་རྒྱལ་ཁབ་ ༡༨༠ ཁོངས་ནས་རྒྱ་ནག་འདི་བཞིན་ ༡༧༩ པར་བཏོན་ཏེ་སྡུག་ཤོས་གཉིས་པར་མིང་འདོན་བྱས་འདུག་ཅིང་། དེ་ཡང་རྒྱ་ནག་འདི་བཞིན་སྔ་ལོ་གསར་འགོད་རང་དབང་ཉུང་ཤོས་ཀྱི་རྒྱལ་ཁབ་ ༥ པ་ནས་སྡུག་ཏུ་སོང་སྟེ་འདི་ལོ་བྱང་ཀོ་རི་ཡའི་རྗེས་སུ་སྡུག་ཤོས་ ༢ པར་མིང་འདོན་བྱས་འདུག ཐེངས་འདིའི་བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་བབ་ཇི་འདྲ་ཡོད་མེད་དང་། ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རྡུང་རྡེག་བཏང་པ་དང་དྲ་ཐོག་ནས་ལྟ་ཞིབ་དང་བསུན་བཙེར་བཟོ་བ། ཐོངས་མཆན་བཀག་འགོག་བྱས་པ་སོགས་གནས་སྟངས་ཞན་པོར་གྱུར་པ་ངོས་འཛིན་བྱེད་བཞིན་འདུག་ཅིང་། ཕྱོགས་མཚུངས་རྒྱ་ནག་སྐམ་ས་དང་ཧོང་ཀོང་བཅས་སུའང་ས་གནས་ཀྱི་གསར་འགོད་པ་ཚོར་སྡང་ཟུག་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་བཞིན་ཡོད་པ་བཅས་ཀྱི་ཐད་བཀྲིས་དབང་ཕྱུག་ལགས་དང་། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།
