ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་དབུ་མའི་ཐབས་ལམ་དང་རྒྱ་ནག་གཞུང་དང་བོད་མིའི་སྐུ་ཚབ་དབར་གྲོས་མོལ་བསྐྱར་མཐུད་ཀྱིས་བོད་དོན་དཀའ་རྙོག་སེལ་དགོས་པའི་གྲོས་འཆར་བཏོན་པར་གྲོས་ཚོགས་འཐུས་མི་ ༣༢༤ ཡོད་པ་ཚང་མས་རྒྱབ་སྐྱོར་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཞིང་། འདིའི་ནང་ཁེ་ན་ཌའི་གྲོས་ཚོགས་ཀྱི་གཞུང་འཛིན་ཆབ་སྲིད་ཚོགས་པ་ཚུད་པའི་ཆབ་སྲིད་ཚོགས་པ་ཚང་མའི་འཐུས་མི་དང་། སྲིད་བློན་གྱིས་ཀྱང་རྒྱབ་སྐྱོར་གནང་ཡོད་པ་ཁེ་ན་ཌ་བོད་དོན་ཚོགས་པའི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གསུངས་ཀྱི་འདུག འདི་ནི་ ༡༩༥༠ ལོར་སྐབས་དེར་ཁེ་ན་ཌའི་སྲིད་བློན་གྱིས་བོད་འདི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཀྱི་ཆ་ལག་ཡོངས་སུ་ལྡན་ཡོད་པ་བརྗོད་པའི་རྗེས་སྲིད་བྱུས་ཀྱི་ཐོག་ནས་བོད་ལ་རྒྱབ་སྐྱོར་ཐོབ་པའི་ཚད་གཞི་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཤེས་རབ་མཐར་ཕྱིན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག
0:00 / 0:00
