༧སྐུའི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་མི་ཆོག་པའི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གྲོས་འཆར།

བོད་མིའི་ཆོས་དད་རང་དབང་དང་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐད་ཨ་རིའི་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ།

གྲོས་ཚོགས་འཐུས་མི་མེཀཽལ་གྱིས་བོད་མིའི་ཆོས་དད་རང་དབང་དང་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐད་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ།

༧སྐུའི་ཡང་སྲིད་ངོས་འཛིན་གནང་ཆོགས་ཀྱི་འགན་དབང་ཐོག་ལ་ ༢༠༢༠ ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམ་ཡིག་ལ་བསྐྱར་བཅོས་གནང་དགོས་པ་ཨ་རིའི་གྲོས་ཚོགས་འཐུས་མི་མཡེ་ཀལ་མེཀཽལ་གྱིས་ཨ་རིའི་གྲོས་ཚོགས་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཕྱི་ཟླ་ ༦ ཚེས་ ༩ ཉིན་བཏོན་གནང་པ་དང་སྦྲགས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་ཅིང་། དེའི་ནང་གཙོ་བོ་བོད་མིར་ཆོས་དད་རང་དབང་དགོས་པ་ནན་བརྗོད་དང་ཁྱད་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་འདི་༧གང་ཉིད་ཀྱི་ཕོ་བྲང་དང་བོད་མི་ལ་ཡོད་པ་ལས་རྒྱ་ནག་དམར་ཤོག་གི་གཞུང་ལ་ཁྲིམས་མཐུན་གྱི་བདག་དབང་མེད་པ་ཐེར་འདོན་གནང་ཡོད་པ་རེད། དེ་ཡང་ཁོང་གིས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པའི་སྐབས་གསུངས་དོན་དུ། “ངའི་ཁྲིམས་ཡིག་བསྐྱར་བཅོས་འདིས་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་སྒོར་ཨ་རིའི་སྲིད་ཇུས་ཀྱི་ཐོག་ནས་ངོས་བཞེས་དང་། རྒྱ་ནག་དམར་ཤོག་ཚོགས་པར་འགན་དབང་མེད་པ་འདི་གསལ་པོ་བཟོ་དགོས་པ་བརྗོད་ཀྱི་ཡོད།”ཅེས་གསུངས་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྐུ་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩར་ཡོད་པ་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༡ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་གོ་སྟོན་དང་སྟབས་འཁེལ་བར་བསྐྱར་ནན་གསལ་བསྒྲགས་བསྐྱངས་ཡོད་པ་མ་ཟད། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་པའི་ཕྱི་ལོ་ ༢༠༡༡ ལོར་ཆོས་ཚོགས་ཐོག་སྤྱི་མོས་ཀྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།

༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་མཛད་པའི་བཀའ་ཡིག  ༢༠༢༥།༥།༢༡
༧སྐུའི་ཡང་སྲིད་དང་འབྲེལ་བའི་གསུང་འཕྲིན། ༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་མཛད་པའི་བཀའ་ཡིག ༢༠༢༥།༥།༢༡ (OHHDL)

ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་དང་། མཡེ་ཀལ་མེཀཽལ་ (Michael McCaul) ལགས་རྣམ་གཉིས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བོད་ཀྱི་འགན་ལེན་ཁྲིམས་འཆར་ (Assuring the Future of Tibet Act of 2026) བཏོན་པ་ H.R. 8982 ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་འཛིན་ཞུས་ཐོག་སྲིད་སྐྱོང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་མཐོང་གོང་མཐོར་གཏོང་རྒྱུའི་ཆ་རྐྱེན་བཏོན་ཡོད་པ་དང་། ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་གནང་ཕྱོགས་ལ་གཞི་རིམ་གྱི་ཐོག་ནས་འགྱུར་བ་གཏང་རྒྱུ་དང་། ཨ་རིས་བོད་མི་མང་ལ་རྒྱུན་མཐུད་དེ་རྒྱབ་སྐྱོར་གནང་དགོས་པ་འདི་གཙོ་བོར་གླེང་ཡོད་པ་མ་ཟད། མ་འོངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཁོ་ནར་ཡོད་པ་ལས་རྒྱ་ནག་གཞུང་གིས་གནད་དོན་འདིའི་ཐད་ཐེ་ཇུས་བྱེད་བཞིན་པར་ཁས་ལེན་གནང་གི་མེད་པ་ནན་ཏན་གྱིས་བཀོད་གནང་ཡོད་པ་རེད།

ཕྱི་ཚེས་ ༩ ཉིན་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གྲོས་འཆར་བཏོན་པའི་སྐབས་གྲོས་ཚོགས་འཐུས་མི་མཡེ་ཀལ་མེཀཽལ་ལགས་ཀྱིས་མུ་མཐུད་གསུངས་དོན་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ནི་རང་དབང་ལུང་པར་འཁྲུངས་རྒྱུ་ལས་རྒྱ་ནག་ཏུ་འཁྲུངས་རྒྱུའི་ཐུགས་འདུན་མེད་པ་ངོས་རང་བཞུགས་སྒར་རྡ་རམ་ས་ལར་མཇལ་བཅར་སྐབས་སུ་བཀའ་གནང་སོང་པས། ང་ཚོས་ཐུགས་འདུན་འདིར་གུས་བཀུར་ཞུ་དགོས་པ་རེད་ཅེས་དང་། ༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་དམར་ཤོག་ཚོགས་པར་འགན་དབང་མེད་པ་འདི་གསལ་པོ་བཟོ་དགོས། འདི་ནི་ཆོས་དད་ཀྱི་གནད་དོན་ཙམ་མིན་པར་རྒྱལ་སྲུང་གི་གནད་དོན་ཞིག་ཆཊ་ཡོད། གལ་ཏེ་ངོ་ཚོས་དེར་གདོང་ལེན་མ་བྱེད་ན། རྒྱ་ནག་དམར་ཤོག་ཚོགས་པར་མ་གཏོཊ་བོད་མིར་བརྩི་བཀུར་མི་བྱེད་མཁན་གྱི་ཡང་སྲིད་རྫུན་མ་ཞིག་རྒྱ་ནག་གིས་མིང་འདོན་བྱེད་ཀྱི་རེད། འདིས་བལ་ཡུལ་དང་། སོག་པོ། ཧི་མ་ལ་ཡའི་རི་བརྒྱུད་བཅས་ང་ཚོའི་གནའ་མཐུན་རྒྱལ་ཁབ་རྒྱ་གར་གྱི་མཐའ་མཚམས་ཉེ་ཁུལ་དུ་ཤུཊ་རྐྱེན་སྤྲོད་པའི་ལག་ཆར་བེད་སྤྱོད་བྱེད་ངེས་ཡིན། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་ཞི་བའི་སྒྲིག་འཛུཊ་ཤིག་ (དགའ་ལྡན་ཕོ་བྲང་) སོ་སོའི་དབང་འཛིན་བྱེད་པའི་ལག་ཆར་བེད་སྤྱོད་བྱེད་ན་མི་འགྲིག་ཅེས་གསུངས་ཡོད་པ་རེད།

ཨ་རིའི་གྲོས་ཚོཊ་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་ཆུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་བྱུང་པ་དེ་འབུལ་ལམ་ཞུས། ༢༠༢༤།༦།༡༩
ཨ་རིའི་གྲོས་ཚོཊ་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་ཆུང་རྡ་རམ་ས་ལར་ཆེད་བཅར་ཞུས་པའི་སྐབས། ༢༠༢༤།༦།༡༩ ཨ་རིའི་གྲོས་ཚོཊ་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་ཆུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་བྱུང་པ་དེ་འབུལ་ལམ་ཞུས། ༢༠༢༤།༦།༡༩ (OHHDL)

བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་ ༢༠༢༠ ཞེས་པར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་འཐུས་མི་ ༣༩༢ ཀྱིས་རྒྱབ་སྐྱོར་བྱུང་སྟེ་ཆེས་མང་མོས་ཐོག་ནས་གཏན་འབེབས་བྱུང་ཡོད་པ་རེད། དེའི་ནང་།

• ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ།

• གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་བརྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ཀྱིས་ཐེ་ཇུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་ (visa) སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ།

• ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་ནུས་པ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་བོད་ཀྱི་བླ་ན་མེད་པི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ།

• ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀོད་ཁྱབ་གཏོང་རྒྱུ།

• བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་འཛུགས་བྱེད་འཇུག་རྒྱུ་མིན་པ།

• ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ།

• བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་གྱི་འཛིན་སྐྱོང་ལ་རྒྱབ་སྐྱོར་གནང་རྒྱུ།

• བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ་བཅས་བཀོད་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།