འབྲས་ལྗོངས་ཡུལ་མིས་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས་པ།

འབྲས་ལྗོངས་ཡུལ་མི་ཚོས་ཀྱང་རང་ལུས་མེར་བསྲེཊ་གནང་མཁན་བློ་དགའ་རང་བཙན་ལཊ་སུ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུ་བཞིན་འདུག

འབྲས་ལྗོངས་ནང་གི་ས་གནས་ཡུལ་མི་ཚོས་ཀྱང་བོད་དོན་ཆེད་རང་ལུས་མེས་སྲེགས་གནང་སྟེ་འདས་གྲོངས་སུ་འགྱུར་བ་བོད་མི་བློ་དགའ་རང་བཙན་དམ་པ་ཁོང་ལ་མདུང་སེམས་མཉམ་སྐྱེས་དང་རྗེས་དྲན་ཞུ་བཞིན་འདུག

འབྲས་ལྗོངས་བཀྲིས་ཡར་རྒྱས་ཚོཊ་པའི་ཚོཊ་གཙོ་བྷོ་ཊི་ཡ་འཇི་ཝན་བླ་མ་ལགས་ཀྱིས་གསུངས་དོན་དུ། འབྲས་ལྗོངས་བཀྲིས་ཡར་རྒྱས་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཉེ་ལམ་ཨ་རིའི་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་བློ་དགའ་རང་བཙན་ལགས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་ཆེད་སྒང་ཏོག་ནང་གི་བོད་མི་ཚོ་དང་མཉམ་དུ་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྒང་ཏོག་ཏུ་ས་གནས་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་མར་མེའི་མཆོད་འབུལ་གནང་པ། ༢༠༢༦།༠༧།༢༩
སྒང་ཏོག་ཏུ་མར་མེའི་མཆོད་འབུལ་གནང་པར་ས་གནས་ཡུལ་མིས་མཉམ་ཞུགས་གནང་པ། སྒང་ཏོག་ཏུ་ས་གནས་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་མར་མེའི་མཆོད་འབུལ་གནང་པ། ༢༠༢༦།༠༧།༢༩ (RFA Tibetan)

འབྲས་ལྗོངས་ཀྱི་ཡུལ་མི་སྒུ་རུང་ཨ་མཱན་ལགས་ཀྱིས། ངོས་རང་འདིར་མི་ཚོགས་མང་པོ་འཛོམས་པ་མཐོང་ནས་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན། ང་རང་འདིར་སླེབས་ནས་བོད་མི་ཞིག་གིས་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་པ་དེ་ཤེས་དུས་སེམས་པ་ཧ་ཅང་སྐྱོ་བྱུང་། ང་རང་མི་ཞིག་ཡིན་པའི་ཆ་ནས་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་ཁོང་གི་རྨི་ལམ་དང་རེ་བ་རྣམས་གང་མགྱོགས་སྒྲུབ་པ་དང་བོད་དོན་བདེན་མཐའ་གསལ་བའི་སྨོན་ལམ་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

འབྲས་ལྗོངས་ཀྱི་ཡུལ་མི་ཝ་རུན་རཱཇ་རཡེ་ལགས་ཀྱིས། རྒྱ་ནག་གིས་བོད་ནང་འགོག་གནོན་འོག་བོད་མིར་དཀའ་ངལ་བཟོ་བཞིན་ཡོད་པ་རེད། ང་ཚོ་ཚང་མ་འཛམ་གླིང་གཅིག་གི་ནང་གནས་སྡོད་བྱེད་མཁན་ཡིན་དུས་ཚང་མ་ནང་མི་ཁྱིམ་ཚང་ལྟ་བུ་གནས་དགོས་པ་རེད། ད་ལྟའི་དུས་སྐབས་སུ་གཅིག་གིས་གཅིག་ལ་བཙན་གནོན་བྱེད་པ་ཡིན་ན་དྲང་བདེན་མ་རེད། རྒྱ་གར་རྒྱལ་ཁབ་ལ་མཚོན་ན་ཡང་ཨིན་ཇིའི་འོག་ལོ་མང་པོའི་རྗེས་སུ་རང་དབང་ཐོབ་པ་ནང་བཞིན་ཉིན་མ་གཅིག་བོད་ལ་ཡང་རང་དབང་ཐོབ་ཀྱི་རེད་ཅེས་གསུངས་བྱུང་།

འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བོད་མི་ཚོས་མར་མེའི་མཆོད་འབུལ་གནང་པར་ས་གནས་ཡུལ་མིས་མཉམ་ཞུགས་གནང་པ། ༢༠༢༦།༠༧།༢༩
སྒང་ཏོག་ཏུ་བོད་མི་ཚོས་མར་མེའི་མཆོད་འབུལ་གནང་པ། འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བོད་མི་ཚོས་མར་མེའི་མཆོད་འབུལ་གནང་པར་ས་གནས་ཡུལ་མིས་མཉམ་ཞུགས་གནང་པ། ༢༠༢༦།༠༧།༢༩ (RFA Tibetan)

སྒང་ཏོག་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༧ ཚེས་ ༢༩ ཕྱི་དྲོ་སྒང་ཏོག་ནང་གི་མི་ཚོགས་མང་པོ་འཛོམས་ས་ (Titanic Park) གླིང་གར་བོད་དོན་ཆེད་རང་ལུས་མེར་སྲེགས་གནང་མཁན་བློ་དགའ་རང་བཙན་དམ་པ་ཁོང་ལ་རྗེས་དྲན་ཞུ་ཆེད་མར་མེ་མཆོད་འབུལ་དང་སྨོན་ལམ་གསོག་སྒྲུབ་སོགས་གནང་ཡོད་ཅིང་། འཛམ་གླིང་ས་ཕྱོགས་གང་སར་བོད་མི་གནས་ཡུལ་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་གནང་བཞིན་ཡོད་པ་རེད། ལས་འགུལ་གོ་སྒྲིག་གནང་མཁན་ས་གནས་བུད་ལྷན་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་སྒྲོལ་མ་ལགས་ཀྱིས། ང་ཚོ་སྐྱོད་པ་ཟེར་ནས་སྡོད་ཐབས་བྲལ་བ་ཡིན་ཞིང་། རང་བཙན་མ་ཐོབ་ཀྱི་བར་དུ་ལས་དོན་ཆེ་བ་གནང་མ་ཐུབ་ནའང་ལས་འགུལ་འདི་རིགས་ཀྱི་ནང་དུ་མཉམ་ཞུགས་གནང་རྒྱུ་གལ་ཆེན་རེད་ཅེས་གསུངས་བྱུང་།

སྤྱིར་འབྲས་ལྗོངས་དེ་བཞིན་རྒྱ་གར་གྱི་མངའ་སྡེ་གཞན་དང་མི་འདྲ་བར་བོད་དང་ས་འབྲེལ་འཁེལ་བའི་ཧིན་བོད་ཀྱི་ས་མཚམས་ས་ཁུལ་ཞིག་ཆགས་ཀྱི་ཡོད་སྟབས་ཁུལ་འདིར་ངོ་རྒོལ་སྐད་འབོད་རིགས་གནང་རྒྱུའི་ཆོག་མཆན་ཐོབ་རྒྱུ་ཁག་པོ་ཡོད་པ་སྒང་ཏོག་ས་གནས་འགོ་འཛིན་སྦྱིན་པ་ཕུན་ཚོགས་ལགས་ཀྱིས་བརྗོད་བྱུང་།

ཡང་ཕྱི་ཚེས་ ༣༠ ཉིན་ས་ལུ་སྒ་ར་ས་གནས་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་བློ་དགའ་རང་བཙན་དམ་པ་ཁོང་ལ་རྗེས་དྲན་ཞུ་ཆེད་ས་ལུ་སྒར་ནས་ཤི་ལི་སྒུ་རིའི་ཁྲོམ་གཞུང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་གི་འདུག

བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།