མགོ་རིལ་བཟོས་ཏེ་རྒྱལ་ཚོགས་ཀྱི་མདུན་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས་པ།

བོད་མི་ཁག་ཅིག་ཀྱིས་རང་ཉིད་སོ་སོའི་ཁྱིམ་ནས་མགོ་རིལ་བཟོས་པའི་རྗེས་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག

ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྒོ་སྒྲིག་འོག་བོད་མི་ཚོའི་མགོ་རིལ་བཟོ་བའི་ལས་འགུལ་སྤེལ་གནང་སོང་།

མགོ་རིལ་བཟོས་ཏེ་རྒྱལ་ཚོགས་ཀྱི་མདུན་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས་པ།
བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་མགོ་རིལ་བཟོས་བཞིན་པ། མགོ་རིལ་བཟོས་ཏེ་རྒྱལ་ཚོགས་ཀྱི་མདུན་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས་པ། (༢༠༢༦།༠༧།༣༠ (RFA Tibetan))

ལས་འགུལ་འདི་བཞིན་བློ་དགའ་རང་བཙན་ལགས་དགོངས་པ་རྫོགས་ནས་བདུན་ཚིགས་བཞི་པ་འཁེལ་བའི་སྐབས་དང་སྟབས་བསྟུན་གནང་པ་ཞིག་ཡིན་ཞིང་། བོད་མི་ཁྱོན་ ༩༠ ཙམ་གྱིས་སྐྲ་བཞར་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་པའི་ཁྲོད་དངོས་སུ་མགོ་རིལ་བཟོས་མཁན་པད་མ་མཁའ་གྲོ་ལགས་ཀྱིས་བློ་དགལ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་ཐུབ་ས་ལ་ཁོ་མོའི་སོ་སོའི་སྐྲ་བཞར་མི་ཐུབ་པ་མེད་པ་དང་ལས་འགུལ་འདིའི་བརྒྱུད་གཙོ་བོ་བློ་དགའ་ལགས་ཀྱིས་བློས་བཏོང་བེད་མེད་དུ་མི་འགྲོ་བའི་རེ་སྐུལ་ཞུ་གི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་དགུང་ལོ་ ༨༠ ཡིན་པ་བསྟན་འཛིན་རིན་ཆེན་ལགས་ཀྱིས་ཁོང་འདིར་མགོ་རིལ་བཟོས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བློ་དགའ་རང་བཙན་ལགས་དང་ད་བར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་མཁན་བོད་མི་ ༡༧༠ ཚང་མར་ཉ་ངན་ཞུ་ཆེད་ཡིན་པ་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་ལ་བོད་རང་བཙན་དང་བོད་དོན་བདེན་མཐའ་མ་སེལ་གྱི་བར་བོད་མི་མི་རབས་ནས་མི་རབས་བར་གཞོན་པ་ཚོས་མུ་མཐུད་དེ་ལས་འགུལ་སྤེལ་རྒྱུ་ཡིན་པ་གསལ་སྟོན་ཐུབ་ཆེད་དམིགས་པ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེབཞིན་པ།
རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་པ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེབཞིན་པ། (༢༠༢༦།༠༧།༣༠ (RFA Tibetan))

བོད་མི་ཁག་ཅིག་ཀྱིས་རང་ཉིད་སོ་སོའི་ཁྱིམ་ནས་མགོ་རིལ་བཟོས་པའི་རྗེས་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག

ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ཁོང་རང་ཉིད་ཀྱིས་ཀྱང་སྐྲ་བཞར་གྱི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་སྐོར་གསུངས་ཞིང་། བློ་དགའ་ལགས་ལ་མྱ་ངན་དང་རྒྱ་ནག་གཞུང་ལ་བརྡ་ལེན་དེ་བཞིན་གཙོ་བོ་ད་བར་མཉམ་འབྲེལ་རྒྱལ་ཚོགས་ནས་གནད་དོན་འདི་དང་འབྲེལ་ནས་ཡ་ལན་རྩ་བ་ནས་གནང་མེད་པར་རེ་སྐུལ་ཞུ་ཆེད་ཡིན་པ་ནན་བརྗོད་གནང་སོང་།

ལས་འགུལ་འདིའི་སྐབས་སུ་བོད་མི་རྔམ་སྟོན་ངོ་རྒོལ་གནང་མཁན་ཁྲོད་རྒན་བྱིས་དར་གསུམ་ཕེབས་ཡོད་ཅིང་། བོད་མི་མང་པོ་ཞིག་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་གྱི་ས་ཚིགས་སུ་གཅིག་མཇུག་གཉིས་མཐུད་ཀྱིས་བཅར་ནས་ཆེ་བསྟོད་ཀྱི་མེ་ཏོག་དང་མཇལ་དར་སོགས་བསྣམས་ཏེ་ཕེབས་ཀྱི་འདུག་ལ། སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་བྱམས་པ་ཆོས་འགྲུབ་ལགས་ཀྱིས་ཉིན་ཞག་ ༤༩ རིང་གསུར་མཆོད་དང་སྨོན་ལམ་གསུང་འདོན་གནང་བཞིན་འདུག

ཞག་ ༤༩ རིང་བར་དོ་སྟེ་འཕོ་འགྱུར་གྱི་གནས་སྐབས་སུ་གསུར་མཆོད་གྱི་གལ་གནད་གླེང་པ། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་དུ་སེར་བྱེས་དགེ་བཤེས་བྱམས་པ་ཆོས་འགྲུབ་ལཊ་ཀྱིས་གསུར་མཆོད་འབུལ་བཞིན་པ།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ་དང་། བཀྲ་དབང་།